完整藏文原文 · 德格版页 当前仅加载第 57 函德格 1b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་བི་ཀལྤ་པྲ་བེ་ཤ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་
D142.057.0001b01.01སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། ཁམས་གསུམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་
D142.057.0001b02.01རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་{བཟངས་,བཟང་}ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། བྱང་ཆུབ་
D142.057.0001b03.01སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པ་དང་། རྣམ་པར་མི་རྟོག་སྣང་བ་དང་། རྣམ་པར་མི་རྟོག་ཟླ་བ་དང་། རྣམ་པར་རྟོག་མེད་དཔའ་བོ་དང་། རྣམ་པར་རྟོག་མེད་ཆོས་སྟོན་མཁས་པ་དང་།
D142.057.0001b04.01རྣམ་པར་རྟོག་མེད་ངོ་བོ་ཉིད་དང་། རྣམ་པར་རྟོག་མེད་བློ་གྲོས་དང་། རྣམ་པར་རྟོག་མེད་ང་རོ་དང་། རྣམ་པར་རྟོག་མེད་ཁྱབ་བྱེད་དང་། རྣམ་པར་རྟོག་མེད་དབང་ཕྱུག་དང་། རྣམ་པར་རྟོག་མེད་དབང་ཕྱུག་
D142.057.0001b05.01