完整藏文原文 · 德格版页 当前仅加载第 68 函德格 55b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
4
༄༅། །རྒྱ་གར་སྐད་དུ། སང་གྷ་ཨ་ནུ་སྨྲྀ་ཏི། བོད་སྐད་དུ། དགེ་འདུན་རྗེས་སུ་དྲན་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ནི་
D281.068.0055b04.015
ལེགས་པར་ཞུགས་པ། རིགས་པར་ཞུགས་པ། འཐུན་པར་ཞུགས་པ། དྲང་པོར་ཞུགས་པ། ཕྱག་འཚལ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཡོན་ཏན་ཡོངས་སུ་བྱང་བ་ཆེན་པོ། ཡོན་ཡོངས་སུ་སྦྱོང་བ། སྦྱིན་པའི་འོས་སུ་གྱུར་པ། ཀུན་གྱི་སྦྱིན་
D281.068.0055b05.016
པའི་འོས་སུ་གྱུར་པའོ། །དགེ་འདུན་རྗེས་སུ་དྲན་པ་རྫོགས་སོ།།
D281.068.0055b06.01