藏传佛教 · 德格甘珠尔 · 经部

德格《甘珠尔》D282

bslab pa gsum gyi mdo zhes bya ba/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D282

完整藏文原文 · 德格版页 当前仅加载第 68 函德格 56a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་དག་ནི་ཚུལ་ཁྲིམས་ཡིན་ནོ། །འདི་ནི་ཏིང་ངེ་འཛིན་ཡིན་ནོ། །འདི་ནི་ཤེས་རབ་ཡིན་ནོ། །དགེ་སློང་དག་ཚུལ་ཁྲིམས་

D282.068.0056a01.01
2

ལ་གོམས་པར་བྱས་ན། ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་ལ་གོམས་པར་བྱས་ན། ཤེས་རབ་ཐོབ་པར་འགྱུར། ཤེས་རབ་ལ་གོམས་པར་བྱས་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ལས་སེམས་ཡང་དག་པ་

D282.068.0056a02.01
3

ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི་བདག་གི་ཟག་པ་འདི་ཟད་དོ། །ཚངས་པར་སྤྱོད་པ་ནི་བསྟེན་ཏོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཁོ་ནར་ཤེས་པར་

D282.068.0056a03.01
4

འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བསླབ་པ་གསུམ་གྱི་མདོ་རྫོགས་སོ།། །།

D282.068.0056a04.01