完整藏文原文 · 德格版页 当前仅加载第 72 函德格 170b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ། །ངས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་ཏེ། སྲིད་པའི་སྲེད་པ་དེ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་
D316.072.0170b01.01གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། །བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་དང་ཁྱེད་ཅག་ཁོ་ན་ཡིས། །འཕགས་པའི་བདེན་པ་བཞི་པོ་དག །ཇི་ལྟ་བ་བཞིན་མ་མཐོང་
D316.072.0170b02.01བས། །ལམ་རིང་དུ་ནི་འཁོར་བར་གྱུར། །བདེན་པ་དེ་དག་མཐོང་ནས་ནི། །སྲིད་པའི་སྲེད་པ་བཅད་ནས་སུ། །འཁོར་བའི་སྐྱེ་བ་ཟད་པས་ན། །ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡི་རངས་ཏེ།
D316.072.0170b03.01བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བདེན་པ་བཞིའི་མདོ་རྫོགས་སོ།། །།
D316.072.0170b04.01