完整藏文原文 · 德格版页 当前仅加载第 81 函德格 42b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
1
པས་སྡུག་པ། །སངས་རྒྱས་མ་གྱུར་ཅི་ཡང་མེད། །སེམས་ཅན་དོན་རྣམས་བསྒྲུབ་པའི་ཕྱིར། །སྔར་སྤྱད་མ་ཡིན་ཅི་ཡང་མེད། །ཉམས་པ་སླར་ཡང་གསོ་བར་བསམ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་
D437.081.0042b01.012
ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་རྫོགས་སོ།། །།
D437.081.0042b02.013
རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
D437.081.0042b03.01