藏传佛教 · 德格甘珠尔 · 续部

德格《甘珠尔》D540

su rU pa zhes bya ba'i gzungs/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D540

完整藏文原文 · 德格版页 当前仅加载第 88 函德格 101a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

5

༄༅། །རྒྱ་གར་སྐད་དུ། སུ་རཱུ་པ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། སུ་རཱུ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་

D540.088.0101a05.01
6

ལོ། །ནམཿསུ་རཱུ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟརྤ་ཡ་སནྟརྤ་ཡ། སརྦ་པྲེ་ཏཱ་ནཱཾ་སྭཱ་ཧཱ། གཟུངས་འདིས་ཆུ་དང་བཅས་པའི་ཟན་ལ་ལན་བདུན་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས་སེ་གོལ་

D540.088.0101a06.01
7

གྱི་སྒྲ་ལན་གསུམ་དུ་བྱས་ནས་{ཡི་དགས་,ཡི་དྭགས་}ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང་། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་བ་དང་གླགས་ལྟ་བ་རྣམས་དེངས་ཤིག །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་{ཡི་དགས་,ཡི་དྭགས་}རྣམས་ལ་བཟའ་བ་འདི་བདག་གིས་སྦྱིན་པར་བགྱིའོ་ཞེས་པའོ། །

D540.088.0101a07.01