完整藏文原文 · 德格版页 当前仅加载第 91 函德格 41b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པར་འགྱུར་བ་དག་གོ། །འདི་བཟླས་བརྗོད་བྱས་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་བར་དུ་གཅོད་པ་ཐམས་ཅད་རྣམ་པར་དག་པར་འགྱུར། དོན་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་
D608.091.0041b01.01བཀའ་སྩལ་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། དེའི་ཚེ་འདི་སྐད་དུ། ཁོ་བོ་ལྷ་ལས་མ་གྱུར་ལ། །འདི་ཉིད་ན་ནི་འདུག་བཞིན་དུ། །ཁོ་བོས་ཚེ་ཡང་ཐོབ་ཟིན་གྱིས། །གྲོགས་དག་དེ་ལྟར་ཤེས་པར་གྱིས། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །འདིའི་མཐུ་
D608.091.0041b02.01ཐམས་ཅད་ཀྱིས་བདག་གི་བར་དུ་གཅོད་པ་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ནི་མེད་པར་གྱུར་ཅིག །ཕུན་སུམ་ཚོགས་པ་ཐམས་ཅད་ནི་གྲུབ་པར་གྱུར་ཅིག །ན་མོ་ཨ་ཀེ་ཏུ་ལེ་ན་གེ་ཙཎྜ་ན་ཡེ་སྭཱ་ཧཱ། སརྦ་ཨརྠ་སཱ་དྷ་ན་ཡེ་སྭཱ་ཧཱ། དྷརྨཱ་རྠ་སཱ་དྷ་ན་ཡེ་སྭཱ་ཧཱ། སརྦ་ཨནྟ་
D608.091.0041b03.01རཱ་ཡི་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཙུན་མོའི་འཁོར་དང་བཅས་ཤིང་འཁོར་དང་བཅས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་
D608.091.0041b04.01པར་བསྟོད་དོ། །འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
D608.091.0041b05.01