藏传佛教 · 德格甘珠尔 · 续部

德格《甘珠尔》D661

gza' rnams kyi yum zhes bya ba'i gzungs/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D661

完整藏文原文 · 德格版页 当前仅加载第 91 函德格 183b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

5

༄༅༅། །རྒྱ་གར་སྐད་དུ། གྲ་ཧ་མཱ་ཏྲྀ་ཀཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་

D661.091.0183b05.01
6

གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བདུད་དང་། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། པ་བ་སངས་དང་། ཕུར་བུ་དང་།

D661.091.0183b06.01
7

གཟའ་ལྷག་དང་། སྤེན་པ་དང་། སྒྲ་གཅན་འཛིན་དང་། མཇུག་{རིངས་,རིང་}རྣམས་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་མང་པོ་རྣམས་ཀྱིས་བསྟོད་པ། རྡོ་རྗེ་ཆེན་པོའི་དམ་ཚིག་གིས་བྱིན་གྱིས་བརླབས་ཀྱིས་རྡོ་རྗེའི་ཁྲི་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་

D661.091.0183b07.01