完整藏文原文 · 德格版页 当前仅加载第 101 函德格 150a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
༄༅། །རྒྱ་གར་སྐད་དུ། ཨཱརྱ་གྲ་ཧ་མཱ་ཧྲྀ་ཀཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་
D997.101.0150a04.01མ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། འཕགས་མ་བཅོམ་ལྡན་འདས་མ་གཟའ་རྣམས་ཀྱི་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང་། ཀླུ་དང་། གནོད་
D997.101.0150a05.01སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བདུད་དང་། གཤིན་རྗེ་དང་། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། གཟའ་ལྷག་དང་། ཕུར་བུ་དང་།
D997.101.0150a06.01པ་བསངས་དང་། སྤེན་པ་དང་། སྒྲ་གཅན་དང་། མཇུག་{རིངས་,རིང་}དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དུ་མས་བསྟོད་ཅིང་། རྡོ་རྗེ་ཆེན་པོ་དམ་ཚིག་གི་རྒྱན་གྱིས་བྱིན་གྱིས་བརླབས་པའི་སེང་གེའི་ཁྲི་ལ་བཞུགས་ཏེ་བྱང་ཆུབ་སེམས་དཔའ་དུ་མ་དང་
D997.101.0150a07.01