完整藏文原文 · 德格版页 当前仅加载第 101 函德格 247b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
༄༅། །རྒྱ་གར་སྐད་དུ། ཨཱ་རྱ་སབྟ་པེ་ཏཱ་ཌ་ཀ་
D1083.101.0247b03.01ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་
D1083.101.0247b04.01ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཡང་ཐབས་ཅིག་གོ། །དེའི་ཚེ་ན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་རྣམས་ཀྱིས་བཅོམ་ལྡན་འདས་
D1083.101.0247b05.01ལ་གནོད་པ་བྱ་བའི་ཕྱིར། རོ་ལངས་ཆེན་པོ་བདུན་བཏང་བར་གྱུར་ཏོ། །དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས་དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་དོ། །དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་ནས་དེ་དག་ཚེ་དང་ལྡན་པ་ཀུན་
D1083.101.0247b06.01དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་ལུས་ལ་རེག་གོ། །རེག་མ་ཐག་ཏུ་ཀུན་དགའ་བོ་དེ་སྡུག་བསྔལ་མི་བཟད་པ། དྲག་པ་ཚ་བ། ཤི་ལ་ཐུག་པའི་ཚོར་བ་རྣམས་དང་ལྡན་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་
D1083.101.0247b07.01