藏传佛教 · 德格甘珠尔 · 宝积

德格《甘珠尔》D61

'phags pa gang pos zhus pa zhes bya ba theg pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D61

完整藏文原文 · 德格版页 当前仅加载第 42 函德格 213a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཅིག་ཁྱེར་ཅིག་ཅེས་སྨྲས་སོ། །མཽད་གལ་རྒྱལ་པོ་སྟོབས་པོ་ཆེས་རང་གི་ལག་པ་བཅད་པའི་ཚེ་སེམས་ལ་གྱུར་ཞིང་འགྱོད་པ་མེད་པར་གྱུར་ཏེ། དེ་ལྟར་སེམས་རྩེ་གཅིག་ཏུ་སྦྱིན་པ་ཡོངས་སུ་བཏང་བའི་ཕྱིར་དང་། ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་ལག་པ་ཡང་

D61.042.0213a01.01
2

སྔ་(མཁོ་,མ་ཁོ་)བཞིན་དུ་གྱུར་ཏོ། །དེའི་ཚེ་རྒྱལ་པོ་སྟོབས་པ་ཆེས་མཚོན་གྱིས་ལུས་ཀྱི་ཡན་ལག་བཅད་ནས་བྲམ་ཟེ་ལ་བྱིན་ཡང་སླར་སྐྱེས་པར་གྱུར་ཏོ། །མཽད་གལ་དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་ཡང་རྒྱུ་དང་རྐྱེན་དེས་ན་ལྷའི་བསོད་ནམས་ཟད་ནས་སེམས་ཡོངས་སུ་གདུང་ཞིང་སྡུག་བསྔལ་

D61.042.0213a02.01
3

བས་འོ་དོད་ཆེན་པོ་བོས་ཏེ་ལུས་དེ་ཉིད་ཀྱིས་མངོན་དུ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བར་གྱུར་ཏོ། །མཽད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྟོབས་པོ་ཆེས་ལུས་ཡོངས་སུ་བཏང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་

D61.042.0213a03.01
4

ནོ། །དེའི་ཚེ་དེའི་དུས་ན་བརྒྱ་བྱིན་ལྷའི་དབང་པོ་མཆོད་སྦྱིན་ཆེན་པོའི་བར་ཆད་བྱ་བར་འདོད་པ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ལྷས་བྱིན་འདི་ཉིད་ཡིན་ནོ། །མཽད་གལ་དེའི་ཚེ་ཡང་ལྷས་བྱིན་བླུན་པོས་ཕྲག་དོག་དང་ཞེ་སྡང་གི་བསམ་པས་ངའི་སྦྱིན་པའི་བར་

D61.042.0213a04.01
5

ཆད་བྱ་བར་འདོད་པ་ལས་གཞིག་པར་མ་ནུས་ཏེ། སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏོ། །ངས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་མཆོད་སྦྱིན་བཤམས་པ་ན་ཡང་ལྷས་བྱིན་བླུན་པོ་ད་དུང་ཞེ་སྡང་དང་ཕྲག་

D61.042.0213a05.01
6

དོག་གི་བསམ་པས་རྙེད་པ་ལ་མངོན་པར་ཞེན་པའི་ཕྱིར་འཁོར་མང་པོ་ཁ་བསྡུས་ནས་ང་ལ་གསོད་པར་འདོད་པ་ཡིན་ནོ། །ང་སྔོན་བྱ་རྒོད་ཕུང་པོའི་རིའི་ཤོད་དུ་འཆག་པ་ལས་ལྷས་བྱིན་བདག་ཉིད་རིའི་སྟེང་དུ་འཛེགས་ནས་འཁྲུལ་འཁོར་གྱིས་རྡོ་འཕངས་ཏེ། བདག་ཉིད་ཀྱི་དགེ་བའི་

D61.042.0213a06.01
7

རྩ་བ་བཤིག་ནས་ང་ལ་ངན་སེམས་བསྐྱེད་པས་བདག་ཉིད་ཀྱི་རྙེད་པ་དང་འབྱོར་པའི་མཐུ་ཉམས་པར་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བ་ཡིན་ནོ། །མཽད་གལ་ངས་ནི་ལྷས་བྱིན་བླུན་པོ་ལ་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པ་བྱས་པ་མེད་ཀྱང་ཡུན་

D61.042.0213a07.01