藏传佛教 · 德格甘珠尔 · 续部

德格《甘珠尔》D498

bcom ldan 'das phyag na rdo rje gos sngon po can gyi rgyud ces bya ba/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D498

完整藏文原文 · 德格版页 当前仅加载第 87 函德格 167a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བཅད་ནས། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །འོག་གི་བགེགས་བཟློག་ཆོ་ག་མཆོག །ཡིད་བཞིན་ནོར་ལྟར་འབྱུང་བ་ཡིན། །ཐེག་པ་གསུམ་ལས་ངེས་རྒྱལ་བའི། །རྒྱུད་ཆེན་གསང་བ་མཐར་ཐུག་པ། །སྐྱོབ་པའི་ཐུགས་ཀྱི་དམ་པ་ཡིན། །

D498.087.0167a01.01
2

དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། ལག་ན་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་འཁོར་རྣམས་དང་། ལྷའི་ཚོགས་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་

D498.087.0167a02.01
3

གསང་བ་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཁ་ཆེའི་པཎྜི་ཏ་ཙེ་ལུ་དང་། བོད་ཀྱི་ལོ་ཙྪ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ་རྫོགས་སོ།།

D498.087.0167a03.01