完整藏文原文 · 德格版页 当前仅加载第 90 函德格 117b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏི་ས་རཱ་བིདྱཱརཱཛྙཱི། བོད་སྐད་དུ། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་སངས་རྒྱས་དང་།
D561.090.0117b04.01བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོ་ཆེན་པོའི་ཟོམ་ན། ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སའི་གནས། རྡོ་རྗེ་ཆེན་པོའི་དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་
D561.090.0117b05.01བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེ་དང་། པདྨའི་འོད་ཀྱིས་སྣང་བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བདལ་བ། རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེའི་སེང་གེའི་ཁྲི་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་
D561.090.0117b06.01སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང་། ཆོ་འཕྲུལ་ཅན་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ངེས་པར་འབྱུང་བ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་
D561.090.0117b07.01