完整藏文原文 · 德格版页 当前仅加载第 91 函德格 137a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
5
༄༅། །རྒྱ་གར་སྐད་དུ། མ་ཧཱ་ས་མཱ་ཛ་སཱུ་ཏྲ་ན་ནཱ་མ་ཧཱ་སཱུ་ཏྲ། བོད་སྐད་དུ། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཞེས་བྱ་བ། དཀོན་མཆོག་
D653.091.0137a05.016
གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་སེར་སྐྱའི་གནས་ཀྱི་ནགས་ཚལ་ན། དགེ་སློང་ལྔ་བརྒྱ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་
D653.091.0137a06.017
རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་མྱ་ངན་ལས་འདས་པ་དང་ལྡན་པའི་ཆོས་ཀྱི་གཏམ་སྟོན་པར་
D653.091.0137a07.01