完整藏文原文 · 德格版页 当前仅加载第 56 函德格 289b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པར་ཤེས་པར་བྱའོ། །དེ་ཆོས་རབ་ཏུ་དབྱེ་བའི་ཤེས་པ་དང་ལྡན་པར་ཤེས་པར་བྱའོ། །འཇམ་དཔལ་གཟུངས་འདིའི་ཡོན་ཏན་ནི་མཐའ་ཡས་ཏེ། བསྐལ་པ་བརྒྱར་ཡང་ཟད་པར་བྱར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་
D139.056.0289b01.01བཤད་པ་ན། བྱང་ཆུབ་སེམས་དཔའ་ཁྲིས་རྡོ་རྗེའི་སྙིང་པོའི་གཟུངས་འདི་འཐོབ་བོ། །ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གིས་རྗེས་སུ་འཐུན་པའི་ཆོས་ལ་བཟོད་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་
D139.056.0289b02.01གཞོན་ནུར་གྱུར་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་གཟུངས་ཐེག་པ་ཆེན་
D139.056.0289b03.01པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
D139.056.0289b04.01