藏传佛教 · 德格甘珠尔 · 经部

德格《甘珠尔》D151

'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D151

完整藏文原文 · 德格版页 当前仅加载第 57 函德格 331b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

5

༄༅།།རྒྱ་གར་སྐད་དུ། ཨཱརྱ་པྲ་ཏི་བྷཱ་ན་མ་ཏི་བ་རི་པྲཱྀ་ཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

D151.057.0331b05.01
6

ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་དང་

D151.057.0331b06.01
7

ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེའི་ཚེ་ཚོང་དཔོན་སྤོབས་པའི་བློ་གྲོས་ཞེས་བྱ་བ་ཞིག་ཚོང་དཔོན་གྱི་བུ་ལྔ་བརྒྱ་ཙམ་སོ་སོའི་གཡོག་འཁོར་ལྔ་བརྒྱ་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་

D151.057.0331b07.01