完整藏文原文 · 德格版页 当前仅加载第 79 函德格 44b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
6
༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་ཡོ་གི་ནཱི་སཾ་པུ་ཊ་ཏནྟྲ་ནཱ་མ། བོད་སྐད་དུ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་བཞི་ཡི་ཁ་སྦྱོར་ཏེ། །ཞལ་བཞི་ཞེས་ནི་རྣམ་པར་བཤད། །
D376.079.0044b06.017
རྒྱུད་རྣམས་ཀུན་ཏུ་སྦས་པ་སྟེ། །ཞལ་རྣམས་ཀྱང་ནི་ཁ་སྦྱོར་མ། །འདི་རུ་རྒྱས་པར་བརྗོད་པ་ཡིན། །འོག་དང་སྟེང་དུ་རྣམ་བཤད་དང་། །དེ་བཞིན་གཡོན་དང་གཡས་པའོ། །ཨཱ་ལི་ཀཱ་ལིའི་བྱེ་བྲག་གིས། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཟླ་བ་ཉི་མར་རྣམ་པར་བཤད། །ས་
D376.079.0044b07.01