完整藏文原文 · 德格版页 当前仅加载第 73 函德格 293b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དྲག་པོ་དེའི་འགྲམ་མ་གཏོགས་པར་དཔུང་གི་ཚོགས་ཡན་ལག་བཞིས་མཚམས་མེད་པར་བསྐོར་ཏེ་ཆུ་ཀླུང་གི་འགྲམ་དེ་ན་ནི་སུ་ཡང་མི་འདུག་པར་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེས་བསམས་པ། {རི་དགས་,རི་དྭགས་}འདི་རྣམས་ཀྱིས་ནི་ཆུ་ཀླུང་འདི་འབོག་པའམ་མཆོང་བའམ་འབྲོས་པ་ཡང་
D340.073.0293b01.01མི་ནུས་ཀྱིས་དེ་ལྟ་མ་ཡིན་པར་ང་ཉིད་ཆུ་ཀླུང་འདིའི་དབུས་སུ་རྐང་ལག་བཙུགས་ཏེ་འདུག་པར་བྱའོ་སྙམ་ནས། {རི་དགས་,རི་དྭགས་}དེ་རྣམས་ལ་ཁྱེད་ཀྱིས་མཆོངས་ལ་ངའི་རྒྱབ་ཏུ་རྐང་ལག་གིས་བརྟེན་ཏེ་ཕ་རོལ་གྱི་འགྲམ་དུ་དེང་ཤིག་ཅེས་བྱས་ནས། བྱང་ཆུབ་སེམས་དཔའ་དེས་ཆུ་ཀླུང་གི་དབུས་སུ་རྐང་ལག་
D340.073.0293b02.01བཙུགས་ཏེ་འདུག་གོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྟོབས་ཀྱི་ཤུགས་དང་ལྡན་པ་ཡིན་པས་ན། དེ་ཆུ་ཀླུང་དེས་བསྐྱོད་པར་མི་ནུས་པར་འདུག་ནས་དེ་དེ་ན་འདུག་པའི་རྒྱབ་ཏུ་{རི་དགས་,རི་དྭགས་}རྣམས་ཀྱིས་མཆོང་ཞིང་རྐང་ལག་བཙུགས་ཏེ་ཕ་རོལ་གྱི་འགྲམ་དུ་དོང་ངོ་། །དེ་དག་དོང་བའི་རྨིག་པས་
D340.073.0293b03.01བྱང་ཆུབ་སེམས་དཔའ་དེའི་རྒྱབ་ཆོད་པར་གྱུར་ཏོ། །དེ་ནས་{རི་དགས་,རི་དྭགས་}ཐ་མར་ལུས་པ་དེས་མཐོང་ནས་དེ་དོགས་པ་སྐྱེས་ཏེ་བདག་ནི་བསྒྲལ་མི་ནུས་གོར་མ་ཆག་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་དོགས་པ་སྐྱེས་པར་མཐོང་ནས་ཡིད་གསོས་ཏེ། གྲོགས་པོ་མ་འཇིགས་ཤིག་ཁྱོད་འཆི་བར་དོགས་
D340.073.0293b04.01པ་མེད་དོ་ཞེས་བྱས་ནས་བྱང་ཆུབ་སེམས་དཔའ་དེས་{རི་དགས་,རི་དྭགས་}དེ་བསྒྲལ་ཏེ་ཕ་རོལ་དུ་སོན་ནས་བྱང་ཆུབ་སེམས་དཔའ་དེ་དུས་ལས་འདས་སོ། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། དེའི་ཚེ་{རི་དགས་,རི་དྭགས་}ཀྱི་ཁྱུ་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །
D340.073.0293b05.01{རི་དགས་,རི་དྭགས་}ལྔ་བརྒྱ་པོར་གྱུར་པ་གང་ཡིན་པ་དེ་དག་ནི་གྲོང་ཁྱེར་ཀུ་ཤི་ན་གནས་པའི་གྱད་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ནོ། །དེའི་ཚེ་{རི་དགས་,རི་དྭགས་}ཐ་མར་ལུས་པ་གང་ཡིན་པ་དེ་ནི་རབ་བཟང་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་ང་འཆི་ཀའི་ན་ཚ་དང་ལྡན་པར་གྱུར་པ་ན་འདི་འཇིགས་པ་དང་ལྡན་པའི་གནས་ནས་
D340.073.0293b06.01བསྒྲལ་ཏེ་འཇིགས་པ་མེད་པའི་གནས་སུ་བཞག་གོ། །ད་ལྟར་ཡང་ང་འཆི་ཀའི་ན་ཚས་ཐེབས་པ་ན་རབ་བཟང་ལ་སོགས་པ་གྱད་ལྔ་བརྒྱ་པོ་འདི་དག་འཇིགས་པ་དང་བཅས་པའི་འཁོར་བ་ལས་བསྒྲལ་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །དེ་
D340.073.0293b07.01