藏传佛教 · 德格甘珠尔 · 续部

德格《甘珠尔》D363

dpal dus kyi 'khor lo'i rgyud phyi ma rgyud kyi snying po zhes bya ba/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D363

完整藏文原文 · 德格版页 当前仅加载第 77 函德格 138b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འཇིགས་སྡེ་མེད་པས་སྐྱ་བསེང་བུ་རྣམས་ཤ་ཡི་དམ་ཚིག་ཅན་གྱིས་བྲམ་ཟེའི་གཟུགས་ཀྱིས་བཅིངས། །ཀིར་མི་རི་ཡིས་ཤ་ཡི་ཆེད་དུ་སུམ་ཅུའི་སྟོབས་ཅན་སྲིན་པོའི་རིགས་ཀྱི་ཆོས་བྱེད་ཅིང་། །ལྷ་དང་ཀླུ་ཡི་དབང་པོ་རྣམས་ཀྱིས་དམ་ཚིག་འདིར་ནི་རྒྱལ་པོ་ཆེན་པོ་རིག་པར་བྱོས། །

D363.077.0138b01.01
2

ལྷ་བཤོས་འབྲས་ཆན་ཁུར་བ་ཞོ་དང་འོ་མ་མར་དང་བཅས་པ་འོ་ཐུག་ཤ་ཁར་རྣམས། །ཁྲོ་བོ་རྣམས་དང་སྲིན་པོ་རྣམས་ལ་ཕྱུགས་ཀྱི་ཤ་ཡི་གཏོར་མ་འབྲས་ཆན་ཁྲག་དང་ཆང་། །སངས་རྒྱས་རྣམས་ལ་སྙིང་པོ་ལྔ་དང་བུ་རམ་ཞོར་བཅས་འབྲས་ཆན་ལྷུང་བཟེད་དཀའ་ཐུབ་ལ། །ཁྲུས་

D363.077.0138b02.01
3

བཅས་སྦྲང་རྩི་མར་སར་ཟ་ཞིང་ཙནྡན་མེ་ཏོག་དག་གིས་མགོན་པོར་བཅས་པ་མཆོད། །གང་གིས་ཆང་སོགས་མཆོད་པ་དེ་དང་དེ་ཡིས་ལྷ་དང་འཇིགས་བྱེད་དམ་ནི་ཧེ་རུ་ཀ་ལ་མིན། །སྲིན་པོའི་དབང་པོ་མཚན་མོ་རྒྱུ་བའི་དམ་ཚིག་དཔལ་ལྡན་རྒྱལ་པོ་ཟླ་བ་སེང་གེས་སྤྱད། །མདུང་

D363.077.0138b03.01
4

ཅན་མ་དང་དྲཽ་པ་ཏི་དང་འདི་དག་རིགས་སྐྱེས་བུད་མེད་མིན་ཏེ་ཁྲོ་མོ་ལྔ་ལྔ་ཡང་། །གཞན་ཡང་ཐོད་པ་ཅན་གྱི་ཆང་སྣོད་ནང་གི་ཆུ་ཡིས་གཙང་སྦྲ་ཨནྟྲ་ལ་སོགས་ཡུལ། །སིནྡྷུའི་ཡུལ་ན་བ་གླང་ཤ་ཟ་ཁ་བ་ཅན་རི་གཉིས་སྐྱེས་རྒྱལ་པོའི་མི་རྣམས་ཆང་འཐུང་ཞིང་། །གཱ་རེ་ལ་

D363.077.0138b04.01
5

སོགས་ན་མ་ཧེ་དྷུ་ཤ་མ་ཁ་བར་བར་མི་སེ་རེན་རྟ་གླང་ཤ། །དེ་ཛྲིད་སྟག་དང་མི་ཤ་ཟམ་པོ་སྐར་ཡུལ་དུ་བོང་བུ་རྔ་མོ་ཁྱི་ཡི་ཤ། །བྲམ་ཟེ་ལ་སོགས་རྣམས་ཀྱིས་ཤ་མི་བཟའ་བ་ཡུལ་འཁོར་ཆེན་པོ་ཀརྞཎ་ར་ཡི་ཡུལ། །ཉིན་དང་མཚན་གྱི་དུས་སུ་དམངས་རིགས་ལ་སོགས་ཁྱིམ་

D363.077.0138b05.01
6

དུ་ཆང་འཐུང་བཀག་ལ་རིགས་སྐྱེས་འཐུང་། །བུད་མེད་རྣམས་ཀྱི་དབང་པོ་སྐྱེས་པས་མོ་རྟགས་འཇིབ་པར་བྱེད་ཅིང་གཉིས་སྐྱེས་ཀྱིས་བཤད་ཀྱི། །ཁྲུས་དང་གཙང་སྦྲ་མི་བྱེད་འདིར་ནི་ཆགས་པའི་སྤྱོད་པ་པི་རའི་ཡུལ་ལ་སོགས་པ་རྣམས། །ཕ་དག་ཤི་ན་མ་དག་བུ་ཡི་

D363.077.0138b06.01
7

ཆུང་མར་བག་མར་ལེན་པ་ངེས་པར་གོ་ཁའི་ཡུལ། །རུག་མེར་སྤུན་ཟླའི་ཚ་མོ་ལེན་ལ་མ་ཁར་ཡང་ནི་སྤུན་ཟླའི་བུ་མོ་རང་གི་བུས། །སོ་ར་མེ་དང་ཙམ་པ་ཀ་ལ་སོགས་པར་ཚ་མོའི་བུ་མོ་དང་ནི་ཚ་མོའང་ཡིན། །སྤུན་ཟླའི་བུ་མོ་ཆུང་མར་ལེན་པ་ཡུལ་འཁོར་ཆེན་པོ་ཀརྞྞ་ཏ་ལ་

D363.077.0138b07.01