藏传佛教 · 德格甘珠尔 · 二万五千颂般若

德格《甘珠尔》D9

shes rab kyi pha rol tu phyin pa stong phrag nyi shu lnga pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D9

完整藏文原文 · 德格版页 当前仅加载第 26 函德格 274a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཐམས་ཅད་མཁྱེན་པ་ཉིད་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། སྐྱེ་བ་མེད་པ་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་

D9.026.0274a01.01
2

འདུ་བྱ་བ་མེད་པ་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། སྔོན་གྱི་མཐའ་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། ཕྱི་མའི་མཐའ་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། ད་ལྟར་བྱུང་བ་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་

D9.026.0274a02.01
3

པའི་ཕྱིར། འོང་བ་དང་། འགྲོ་བ་དང་། གནས་པ་དང་། འཆི་འཕོ་དང་། སྐྱེ་བ་དང་། འགྲིབ་པ་དང་། འཕེལ་བ་{དམྱིགས་,དམིགས་}སུ་མེད་དོ། །གང་མི་{དམྱིགས་,དམིགས་}པས་ཐམས་ཅད་{དམྱིགས་,དམིགས་}སུ་མེད་པ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་མི་{དམྱིགས་,དམིགས་}པས་ཆོས་ཀྱི་དབྱིངས་{དམྱིགས་,དམིགས་}སུ་མེད་དོ། །

D9.026.0274a03.01
4

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་{དམྱིགས་,དམིགས་}སུ་མེད་པ་ནི། {དམྱིགས་,དམིགས་}པ་ཡང་མ་ཡིན། མི་{དམྱིགས་,དམིགས་}པ་ཡང་མ་ཡིན་ནོ། །དེ་བཞིན་ཉིད་མི་{དམྱིགས་,དམིགས་}པས། དེ་བཞིན་ཉིད་{དམྱིགས་,དམིགས་}སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་{དམྱིགས་,དམིགས་}སུ་མེད་པ་ནི།

D9.026.0274a04.01
5

{དམྱིགས་,དམིགས་}པ་ཡང་མ་ཡིན། མི་{དམྱིགས་,དམིགས་}པ་ཡང་མ་ཡིན་ནོ། །ཡང་དག་པའི་མཐའ་མི་{དམྱིགས་,དམིགས་}པས། ཡང་དག་པའི་མཐའ་{དམྱིགས་,དམིགས་}སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པའི་མཐའ་{དམྱིགས་,དམིགས་}སུ་མེད་པ་ནི། {དམྱིགས་,དམིགས་}པ་ཡང་མ་ཡིན། མི་{དམྱིགས་,དམིགས་}པ་ཡང་

D9.026.0274a05.01
6

མ་ཡིན་ནོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་མི་{དམྱིགས་,དམིགས་}པས། བསམ་གྱིས་མི་ཁྱབ་པའི་དབྱིངས་{དམྱིགས་,དམིགས་}སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་{དམྱིགས་,དམིགས་}སུ་མེད་པ་ནི། {དམྱིགས་,དམིགས་}པ་ཡང་མ་ཡིན། མི་{དམྱིགས་,དམིགས་}པ་ཡང་མ་ཡིན་ནོ། །

D9.026.0274a06.01
7

ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་མི་{དམྱིགས་,དམིགས་}པས། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་{དམྱིགས་,དམིགས་}སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་{དམྱིགས་,དམིགས་}སུ་མེད་པ་ནི། {དམྱིགས་,དམིགས་}པ་ཡང་མ་ཡིན། མི་{དམྱིགས་,དམིགས་}པ་ཡང་

D9.026.0274a07.01