完整藏文原文 · 德格版页 当前仅加载第 26 函德格 358b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །སའི་ཁམས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང་བདག་མེད་
D9.026.0358b01.01ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་
D9.026.0358b02.01ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་། ནམ་མཁའི་ཁམས་
D9.026.0358b03.01དང་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྡུག་ཅེས་བྱ་བ་དང་མི་སྡུག་
D9.026.0358b04.01ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞི་ཞེས་
D9.026.0358b05.01བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མ་རིག་པ་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །བདག་ཅེས་
D9.026.0358b06.01བྱ་བ་དང་བདག་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྨོན་
D9.026.0358b07.01