完整藏文原文 · 德格版页 当前仅加载第 27 函德格 12a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་པ་དེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་
D9.027.0012a01.01ཅེས་བྱ་བ་དང་བདག་མེད་ཅེས་བྱ་བ་དང་། སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བ་
D9.027.0012a02.01དང་། སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་
D9.027.0012a03.01ཉིད་ཀྱི་བར་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ་བ་དང་། སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་མི་དབེན་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་མི་སྟོང་ཞེས་
D9.027.0012a04.01བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མེད་ཅེས་བྱ་བར་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་འདུས་མ་བྱས་ལས་གདགས་ཤེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་
D9.027.0012a05.01པར་མི་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདུས་མ་བྱས་ལས་གདགས་ཤེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ།
D9.027.0012a06.01རྒྱུན་དུ་ཞུགས་པ་སྦྱིན་པའི་གནས་(ཅེས་,ཞེས་)བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་རང་བྱང་ཆུབ་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་པའི་
D9.027.0012a07.01