完整藏文原文 · 德格版页 当前仅加载第 27 函德格 250b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རིག་པར་བྱའོ། །ཡི་གེ་གཞན་ལ་ཆགས་ཤིང་ཚིག་གི་དོན་མི་ཤེས་པར་འདྲི་ན། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །འདིའི་རོ་མ་མྱོང་ནས་སྟན་ལས་ལངས་ཏེ་འགྲོ་ན། དེ་ཡང་བྱང་ཆུབ་སེམས་དཔའ་
D9.027.0250b01.01སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གླལ་ཞིང་ལུང་འབོག་ན། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གླལ་ཞིང་ཁ་ཏོན་བྱེད་དམ་འཛིན་ཏམ་ཀློག་གམ་
D9.027.0250b02.01སྟོན་ཏམ་གླལ་ཞིང་ཚུལ་བཞིན་དུ་ཡིད་ལ་བྱེད་ན། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་དགོད་ཅིང་འཛིན་ཏམ། འཆང་ངམ་ཀློག་གམ་ཀུན་ཆུབ་པར་བྱེད་དམ། ཚུལ་
D9.027.0250b03.01བཞིན་དུ་ཡིད་ལ་བྱེད་ན། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་སྟེག་ཅིང་འཛིན་ཏམ། འཆང་ངམ་ཀློག་གམ་ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན།
D9.027.0250b04.01དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་སེམས་གཡེང་པས་འཛིན་ཏམ་འཆང་ངམ་ཀློག་གམ་ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། དེ་ཡང་བྱང་ཆུབ་སེམས་
D9.027.0250b05.01དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཡི་གེ་གཞན་དང་གཞན་ལ་ཆགས་ཤིང་འཛིན་ཏམ། འཆང་ངམ་ཀློག་གམ་ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། དེ་ཡང་བྱང་ཆུབ་སེམས་
D9.027.0250b06.01དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ།
D9.027.0250b07.01