完整藏文原文 · 德格版页 当前仅加载第 28 函德格 222b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན།
D9.028.0222b01.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་པ་རྣམས་ཀྱི། {ཡི་དགས་,ཡི་དྭགས་}ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་{ཡི་དགས་,ཡི་དྭགས་}
D9.028.0222b02.01ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང་། {ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་{ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་
D9.028.0222b03.01ལྷའི་འཇིག་རྟེན་དང་། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་
D9.028.0222b04.01ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་
D9.028.0222b05.01དཔའ་སེམས་དཔའ་ཆེན་པོ་སེམས་ཅན་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་པ་རྣམས་ཀྱི་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་དེ་དག་ན། སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་{ཡི་དགས་,ཡི་དྭགས་}ཀྱི་ཡུལ་པ་
D9.028.0222b06.01དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང་། {ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་{ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་
D9.028.0222b07.01