完整藏文原文 · 德格版页 当前仅加载第 31 函德格 52a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཆོས་རྣམས་ཀྱང་དེ་ལྟ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་གཏན་མི་དམིགས་ལགས་ན། མིག་གི་ཁམས་ཀྱི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་
D11.031.0052a01.01ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་རྟག་ཅེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་མི་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས།
D11.031.0052a02.01གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་བདེ་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་སྡུག་བསྔལ་བའི་
D11.031.0052a03.01ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་བདག་མཆིས་
D11.031.0052a04.01ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་བདག་མ་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་
D11.031.0052a05.01བཞིན་དུ་སྦྱར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་སྟོང་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་མི་སྟོང་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས།
D11.031.0052a06.01ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་མཚན་མ་མཆིས་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་མཚན་མ་མ་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་
D11.031.0052a07.01