完整藏文原文 · 德格版页 当前仅加载第 15 函德格 187a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བུ་དེ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདུ་ཤེས་སུ་བྱེད་པ་{མྱེད་,མེད་}དོ། །སྨྲས་པ། ཇི་ལྟར་དེ་ལ་འདུ་ཤེས་སུ་བྱེད་པར་མི་འགྱུར། །རབ་འབྱོར་གྱིས་སྨྲས་པ། རྟོག་པ་
D8.015.0187a01.01{མྱེད་,མེད་}པའི་ཕྱིར་རོ། །སྨྲས་པ། དེ་ལ་ཇི་ལྟར་རྟོག་པ་མེད་པ་ཡིན། །རབ་འབྱོར་གྱིས་སྨྲས་པ། ཆོས་ཐམས་ཅད་{མྱེད་,མེད་}པའི་ཕྱིར་རྟོག་པ་{མྱེད་,མེད་}དེ། དེ་ལྟར་ན་རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་རྟོག་པ་{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན།
D8.015.0187a02.01རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་རྣམ་པར་ཤེས་པར་བྱེད་པ་མེད་དོ། །འདུ་ཤེས་སུ་བྱེད་པར་འགྱུར་བ་{མྱེད་,མེད་}དོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། ཅིའི་ཕྱིར་རྣམ་པར་ཤེས་པར་བྱེད་པ་{མྱེད་,མེད་}ཅིང་། འདུ་ཤེས་སུ་འགྱུར་བ་{མྱེད,མེད}། །རབ་འབྱོར་གྱིས་སྨྲས་པ།
D8.015.0187a03.01ཏིང་ངེ་འཛིན་དེ་ཡང་མེད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མེད་པའི་ཕྱིར་རྣམ་པར་ཤེས་པ་{མྱེད་,མེད་}དོ། །འདུ་ཤེས་སུ་འགྱུར་བ་{མྱེད་,མེད་}དོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ།
D8.015.0187a04.01རབ་འབྱོར་ལེགས་སོ་ལེགས་སོ། །ཚིག་འདི་ནི་ལེགས་པར་བཤད་དོ། །ཇི་ལྟར་ངས་ཉོན་མོངས་པ་མེད་པ་ལ་རྣམ་པར་སྤྱོད་པའི་ཉན་ཐོས་ཀྱི་ནང་ན། མཆོག་ཏུ་བཤད་པ་དེས་བཤད་པ་ནི་འདི་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
D8.015.0187a05.01ཀྱང་། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཚུལ་ཁྲིམས་
D8.015.0187a06.01ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་ལ་བསླབ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བསླབ་པར་བྱའོ། །
D8.015.0187a07.01