完整藏文原文 · 德格版页 当前仅加载第 15 函德格 253a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་
D8.015.0253a01.01འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྨོན་པ་མེད་ཅེས་བྱ་བར་དེ་མི་
D8.015.0253a02.01དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
D8.015.0253a03.01ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་
D8.015.0253a04.01དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་
D8.015.0253a05.01བས། གཟུགས་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་། མི་དགེ་བ་དེ་མ་ཡིན་པ་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་གཞན་གྱིས་གོ་མི་འབྱེད་པ་དང་། །བྱང་ཆུབ་སེམས་
D8.015.0253a06.01དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་། ཉན་ཐོས་དང་རང་སངས་རྒྱས་
D8.015.0253a07.01