完整藏文原文 · 德格版页 当前仅加载第 15 函德格 398b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉིད་ཀྱང་དམིགས་ལ་སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། འདུ་བྱེད་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།
D8.015.0398b01.01དམིགས་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། འདུ་བྱེད་ཐོག་
D8.015.0398b02.01མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་
D8.015.0398b03.01པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། འདུ་བྱེད་དོར་བ་{མྱེད་,མེད་}པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
D8.015.0398b04.01པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། འདུ་བྱེད་རང་བཞིན་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་རང་བཞིན་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་
D8.015.0398b05.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། འདུ་བྱེད་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་
D8.015.0398b06.01ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། འདུ་བྱེད་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། །{དམྱིགས་,དམིགས་}པའི་ཚུལ་གྱིས་རང་གི་མཚན་
D8.015.0398b07.01