藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 15 函德格 361b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། ལྕེའི་རྣམ་པར་ཤེས་པ་

D8.015.0361b01.01
2

{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་

D8.015.0361b02.01
3

ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། ལྕེའི་རྣམ་པར་ཤེས་པ་དངོས་པོ་{མྱེད་,མེད་}པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་

D8.015.0361b03.01
4

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། ལྕེའི་རྣམ་པར་ཤེས་པ་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་

D8.015.0361b04.01
5

སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། ལྕེའི་རྣམ་པར་ཤེས་པ་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་

D8.015.0361b05.01
6

དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

D8.015.0361b06.01
7

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། ལུས་ཀྱི་རྣམ་པར་ཤེས་པ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

D8.015.0361b07.01