藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 15 函德格 282b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་

D8.015.0282b01.01
2

འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མིག་གི་འདུས་ཏེ་རེག་པ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་

D8.015.0282b02.01
3

ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣ་བའི་འདུས་ཏེ་རེག་པ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་

D8.015.0282b03.01
4

ཆོས་སྟོན་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་སྣའི་འདུས་ཏེ་རེག་པ་དབེན་ཞེས་བྱ་བར་དེ་མི་དམིགས་པའི་

D8.015.0282b04.01
5

ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལྕེའི་འདུས་ཏེ་རེག་པ་དབེན་ཞེས་བྱ་བར་དེ་མི་

D8.015.0282b05.01
6

དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་དབེན་

D8.015.0282b06.01
7

ཞེས་བྱ་བར་དེ་{མྱི་,མི་}དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ཡིད་ཀྱི་འདུས་ཏེ་རེག་

D8.015.0282b07.01