藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 20 函德格 143a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སྐྱེས་བུ་ཡོངས་སུ་དག་པས། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡོངས་སུ་དག་པ། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་

D8.020.0143a01.01
2

ཡོངས་སུ་དག་པ་དང་། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སྐྱེས་བུ་ཡོངས་སུ་དག་པས། དགྲ་བཅོམ་པ་ཉིད་ཡོངས་སུ་དག་པ། དགྲ་བཅོམ་པ་ཉིད་ཡོངས་སུ་དག་པས། སྐྱེས་

D8.020.0143a02.01
3

བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། དགྲ་བཅོམ་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སྐྱེས་བུ་ཡོངས་སུ་དག་པས། རང་བྱང་ཆུབ་ཡོངས་སུ་དག་པ། རང་

D8.020.0143a03.01
4

བྱང་ཆུབ་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། རང་བྱང་ཆུབ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སྐྱེས་བུ་ཡོངས་སུ་དག་པས། ལམ་

D8.020.0143a04.01
5

གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་

D8.020.0143a05.01
6

{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སྐྱེས་བུ་ཡོངས་སུ་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པས། སྐྱེས་བུ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་ཡོངས་སུ་དག་པ་དང་།

D8.020.0143a06.01
7

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །གང་ཟག་ཡོངས་སུ་དག་པས། གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། གང་ཟག་ཡོངས་སུ་དག་པ་

D8.020.0143a07.01