完整藏文原文 · 德格版页 当前仅加载第 20 函德格 172a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དོ། །བྱེད་པ་པོ་ཡོངས་སུ་དག་པས། ཡིད་ཡོངས་སུ་དག་པ། ཡིད་ཡོངས་སུ་དག་པས། བྱེད་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བྱེད་པ་པོ་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་
D8.020.0172a01.01{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བྱེད་པ་པོ་ཡོངས་སུ་དག་པས། གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། བྱེད་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བྱེད་པ་པོ་ཡོངས་སུ་དག་པ་དང་། གཟུགས་ཡོངས་སུ་དག་པ་འདི་ལ་གཉིས་སུ་
D8.020.0172a02.01{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བྱེད་པ་པོ་ཡོངས་སུ་དག་པས། སྒྲ་ཡོངས་སུ་དག་པ། སྒྲ་ཡོངས་སུ་དག་པས། བྱེད་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བྱེད་པ་པོ་ཡོངས་སུ་དག་པ་དང་། སྒྲ་ཡོངས་སུ་དག་པ་འདི་ལ་གཉིས་
D8.020.0172a03.01སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བྱེད་པ་པོ་ཡོངས་སུ་དག་པས། དྲི་ཡོངས་སུ་དག་པ། དྲི་ཡོངས་སུ་དག་པས། བྱེད་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བྱེད་པ་པོ་ཡོངས་སུ་དག་པ་དང་། དྲི་ཡོངས་སུ་དག་པ་འདི་ལ་གཉིས་
D8.020.0172a04.01སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བྱེད་པ་པོ་ཡོངས་སུ་དག་པས། རོ་ཡོངས་སུ་དག་པ། རོ་ཡོངས་སུ་དག་པས། བྱེད་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བྱེད་པ་པོ་ཡོངས་སུ་དག་པ་དང་། རོ་ཡོངས་སུ་དག་པ་འདི་ལ་
D8.020.0172a05.01གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བྱེད་པ་པོ་ཡོངས་སུ་དག་པས། རེག་ཡོངས་སུ་དག་པ། རེག་ཡོངས་སུ་དག་པས། བྱེད་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བྱེད་པ་པོ་ཡོངས་སུ་དག་པ་དང་། རེག་ཡོངས་
D8.020.0172a06.01སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བྱེད་པ་པོ་ཡོངས་སུ་དག་པས། ཆོས་ཡོངས་སུ་དག་པ། ཆོས་ཡོངས་སུ་དག་པས། བྱེད་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བྱེད་པ་པོ་ཡོངས་སུ་དག་པ་དང་། ཆོས་
D8.020.0172a07.01