藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 20 函德格 382a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཡང་དག་པར་སྤོང་བ་རྣམ་པར་དག་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་

D8.020.0382a01.01
2

མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཡང་དག་པར་སྤོང་བ་རྣམ་པར་དག་པས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་

D8.020.0382a02.01
3

ཀྱིས་ཚོར་བ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཡང་དག་པར་སྤོང་བ་རྣམ་པར་དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་

D8.020.0382a03.01
4

པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཉིས་པ། །རྫུ་འཕྲུལ་གྱི་

D8.020.0382a04.01
5

རྐང་པ་རྣམ་པར་དག་པས། གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་།

D8.020.0382a05.01
6

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པས། ཚོར་བ་རྣམ་པར་དག་པ། ཚོར་བ་རྣམ་པར་དག་པས། རྣམ་པ་ཐམས་

D8.020.0382a06.01
7

ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པ་དང་། ཚོར་བ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་

D8.020.0382a07.01