藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 20 函德格 199b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། རྣ་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་དག་པས། སྣ་ཡོངས་སུ་དག་

D8.020.0199b01.01
2

པ། སྣ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། སྣ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་མི་དད་དོ། །མཐོང་བ་པོ་ཡོངས་སུ་དག་པས། ལྕེ་

D8.020.0199b02.01
3

ཡོངས་སུ་དག་པ། ལྕེ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། ལྕེ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་

D8.020.0199b03.01
4

དག་པས། ལུས་ཡོངས་སུ་དག་པ། ལུས་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། ལུས་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་

D8.020.0199b04.01
5

བ་པོ་ཡོངས་སུ་དག་པས། ཡིད་ཡོངས་སུ་དག་པ། ཡིད་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་

D8.020.0199b05.01
6

ཐ་{མྱི་,མི་}དད་དོ། མཐོང་བ་པོ་ཡོངས་སུ་དག་པས། གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། གཟུགས་ཡོངས་སུ་དག་པ་འདི་ལ་གཉིས་

D8.020.0199b06.01
7

སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་དག་པས། སྒྲ་ཡོངས་སུ་དག་པ། སྒྲ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། སྒྲ་ཡོངས་སུ་

D8.020.0199b07.01