藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 20 函德格 161a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དག་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེད་ཅན་ཡོངས་སུ་དག་པས། {མྱི་,མི་}འཇིགས་པ་ཡོངས་སུ་དག་པ། {མྱི་,མི་}འཇིགས་པ་ཡོངས་སུ་དག་པས།

D8.020.0161a01.01
2

ཤེད་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེད་ཅན་ཡོངས་སུ་དག་པ་དང་། {མྱི་,མི་}འཇིགས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེད་ཅན་ཡོངས་སུ་དག་པས། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པ་

D8.020.0161a02.01
3

སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པས། ཤེད་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེད་ཅན་ཡོངས་སུ་དག་པ་དང་། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེད་ཅན་

D8.020.0161a03.01
4

ཡོངས་སུ་དག་པས། བྱམས་པ་ཆེན་པོ་ཡོངས་སུ་དག་པ། བྱམས་པ་ཆེན་པོ་ཡོངས་སུ་དག་པས། ཤེད་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེད་ཅན་ཡོངས་སུ་དག་པ་དང་། བྱམས་པ་ཆེན་པོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}

D8.020.0161a04.01
5

སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེད་ཅན་ཡོངས་སུ་དག་པས། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པས། ཤེད་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེད་ཅན་ཡོངས་སུ་དག་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་འདི་ལ་

D8.020.0161a05.01
6

གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེད་ཅན་ཡོངས་སུ་དག་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པས། ཤེད་ཅན་ཡོངས་སུ་

D8.020.0161a06.01
7

དག་པ་སྟེ། དེ་ལྟར་ན་ཤེད་ཅན་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེད་ཅན་ཡོངས་སུ་དག་པས། ཐམས་ཅད་ཤེས་པ་ཉིད་ཡོངས་

D8.020.0161a07.01