藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 20 函德格 198b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པོ་ཡོངས་སུ་དག་པས། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་

D8.020.0198b01.01
2

མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཤེས་པ་པོ་ཡོངས་སུ་དག་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ།

D8.020.0198b02.01
3

དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེས་པ་པོ་ཡོངས་སུ་དག་པས། ཐམས་ཅད་ཤེས་པ་ཉིད་ཡོངས་

D8.020.0198b03.01
4

སུ་དག་པ། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་

D8.020.0198b04.01
5

{མྱི་,མི་}དད་དོ། །ཤེས་པ་པོ་ཡོངས་སུ་དག་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པས། ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། ལམ་གྱི་རྣམ་

D8.020.0198b05.01
6

པ་ཤེས་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེས་པ་པོ་ཡོངས་སུ་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པས།

D8.020.0198b06.01
7

ཤེས་པ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་དག་པས། གཟུགས་

D8.020.0198b07.01