完整藏文原文 · 德格版页 当前仅加载第 87 函德格 297b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དབྱངས་ཆེན་པོས་བཀང་ནས་རིག་སྔགས་ཆེན་མོ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་པྟ། ཛྭཱ་ལ་ཛྭཱ་ལ། དྷརྨ་དྷཱ་ཏུ་གརྦྷེ། མ་ཎི་མ་ཎི་མ་ཧཱ་མ་ཎི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཎི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་འདི་གསུངས་མ་ཐག་ཏུ། རི་དང་།
D506.087.0297b01.01ཚལ་དང་། ནགས་ཚལ་དུ་བཅས་པའི་ས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ་ཁྱོད་ཀྱིས་མཆོག་ཏུ་གསང་བ་འདི་གསུངས་པ་ནི་ལེགས་པར་གསུངས་ཏེ་ལེགས་སོ་ལེགས་
D506.087.0297b02.01སོ། །བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་འཛམ་བུའི་ཆུ་བོའི་གསེར་ལས་བྱུང་བའི་སྤྲིན་ཆེན་པོ་ནམ་མཁའི་དཀྱིལ་དུ་ཆགས་སོ། །ཕྱོགས་བཅུ་ཀུན་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་བོ། །ཙནྡ་ན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་ཡང་བབ་བོ། །ཨུ་དུམྦཱ་རའི་མེ་
D506.087.0297b03.01ཏོག་གི་ཆར་བབ་བོ། །བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་གཞན་ཡང་མེ་ཏོག་སྣ་ཚོགས་པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། དྲི་ངད་ལྡང་བ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མེ་ཏོག་མདོག་མཛེས་དང་། མདོག་མཛེས་
D506.087.0297b04.01ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་དང་། ཡིད་འོང་བ་དང་། པ་རི་ཥ་ཀ་དང་། མེ་ཏོག་ཙམ་པ་ཀའི་ཆར་དག་བབ་བོ། །བདུད་ཀྱི་གནས་ཐམས་ཅད་ཀྱང་རབ་ཏུ་འབར་བར་གྱུར་ཏེ། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་སྐྲག་ཅིང་སྔངས་པར་གྱུར་ཏོ། །
D506.087.0297b05.01བགེགས་དང་ལོག་འདྲེན་ཐམས་ཅད་ཀྱི་ལུས་རྡུལ་ཅིང་ལུས་དྲི་མི་ཞིམ་པར་གྱུར་ནས། ཕྱོགས་བཅུར་རབ་ཏུ་འབྲོས་པར་བརྩམས་སོ། །སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་ལྷ་གང་དག་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་
D506.087.0297b06.01དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དག་གིས་ཀྱང་རང་རང་གི་གཞལ་མེད་ཁང་རྣམས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ཕུལ་ལོ། །དེ་ནས་ནོར་བུ་རབ་སྣང་སེམས་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་
D506.087.0297b07.01