完整藏文原文 · 德格版页 当前仅加载第 87 函德格 303a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འགྱུར་ཏེ། རིགས་ཀྱི་བུ་ཁྱོད་གསང་སྔགས་ཐམས་ཅད་དང་། བསྟན་བཅོས་ཐམས་ཅད་གྲུབ་ཀྱིས་གང་འདོད་པ་དེར་སོང་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཕྱིར་མི་ལྡོག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
D506.087.0303a01.01པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གནང་གིས། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའི་དགོས་པ་གཞན་དག་ཀྱང་ཅི་འདོད་པ་བཞིན་ཁྱོད་ཀྱིས་ལས་ཐམས་ཅད་བྱོས་ཤིག་ཅེས་སྟོན་པར་འགྱུར་རོ། །ཨོྃ་མ་ཎི་ཀུཎྜ་ལི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གདན་གྱི་སྔགས་
D506.087.0303a02.01སོ། །ཨོྃ་མ་ཎི་བི་ཛ་ཡེ་དྷ་རཱ་དྷ་རཱ་ཧཱུྃ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་གྱི་སྔགས་ཏེ་ཡུངས་ཀར་ལ་ལན་བདུན་སྔགས་བཟླས་པས་སོ། །ཨོྃ་ཛྭ་ལི་ཏམ་ཎི་རུ་ཙི་ར་གྲི་ཎི་ཧཱུྃ་ཧཱུྃ་ཕཊ། ཡུངས་ཀར་དང་། དྲི་ཆུར་བསྲེས་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཕྱོགས་བཞི་བཅིང་ངོ་། །ཨོྃ་མ་ཎི་པྲ་བྷ་བ་ཏི་ཧ་ན་ཧ་ན་ཧཱུྃ་ཕཊ་
D506.087.0303a03.01སྭཱ་ཧཱ། ཐལ་བ་དང་ཆུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པས་ལོག་འདྲེན་བཅིང་ངོ་། །ཨོྃ་བཛྲ་མ་ཎི་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ལན་བདུན་བཟླས་ཏེ་གཙུག་ཏོར་བཅིང་ངོ་། །ཨོྃ་མ་ཎི་བི་པུ་ལ་དི་རི་དི་རི་ཧཱུྃ་ཕཊ། གོས་ཀྱི་སྔགས་སོ། །ཨོཾ་བི་དུ་མ་ཏི་ཧ་ར་ཧ་ར་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཉེ་རེག་གི་སྔགས་སོ། །ཨོྃ་སུ་ནིརྨྨ་ལ་པ་ཏི་ཧ་ར་
D506.087.0303a04.01ཧ་ར་པ་པཾ་མི་ལི་མི་ལི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཁྲུས་བྱའོ། །ཨོྃ་མ་ཎི་དྷ་རེ་ཧཱུྃ་ཧཱུྃ་ཕཊ། བསང་གཏོར་གྱི་སྔགས་སོ། །ཨོྃ་དི་རི་དི་རི་བི་མ་ལ་ཀ་རི་ཧཱུྃ་ཧཱུྃ་ཕཊ། མཆོད་ཕྱིར་ཐོགས་ཀྱི་སྔགས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་པུཥྤ་མ་ཎི་ཧཱུྃ་ཧཱུྃ་ཕཊ། མེ་ཏོག་གི་སྔགས་སོ། །ཨོྃ་
D506.087.0303a05.01སརྦ་ཏ་ཐཱ་ག་ཏ་གནྡྷ་མ་ཎི་སྥ་ར་ཎ་ཧཱུྃ་ཧཱུྃ་ཕཊ་ཕཊ། དྲིའི་སྔགས་སོ། །ཨོྃ་ཛྭ་ལི་ཏ་མ་ཎི་པྲ་བ་ར་ཀཱུ་ཊ་གཱ་ར་སྥ་ར་ཎ་བི་ག་ཏེ་ཧཱུྃ། བདུག་པའི་སྔགས་སོ། །ཨོྃ་ཛྭ་ལི་ཏ་ཤི་ཁ་རི་ཏ་པ་ལི་ཧཱུྃ་ཧཱུྃ་ཕཊ། མར་མེའི་སྔགས་སོ། །ཨོྃ་པྲ་པར་གྲ་བ་ལི་ས་ར་ས་ར་ཧཱུྃ་ཧཱུྃ། གཏོར་མའི་སྔགས་སོ། །ཨོྃ་མ་ཧཱ་མ་ཎི་པཱུ་ར་ཡ་དྷ་ར་དྷ་
D506.087.0303a06.01ར་ཧཱུྃ་ཧཱུྃ་ཕཊ། མཆོད་ཡོན་གྱི་སྔགས་སོ། །ཨོྃ་མ་ཧཱ་བི་མ་ལེ་ཧཱུྃ་ཧཱུྃ་བ་ར་བ་ར་ཧཱུྃ། ལྷ་བཤོས་ཀྱི་སྔགས་སོ། །ཨོྃ་ཛྭཱ་ལ་སྥ་ར་ད་ག་ག་ན་པྲ་ཏ་ར་ཎི་ཧཱུྃ་ཧཱུྃ། སྦྱིན་སྲེག་གི་སྔགས་སོ། །ཨོྃ་རུ་ཙི་ར་མ་ཎི་པྲ་བར་ཏ་ཡ་ཧཱུྃ། བགྲང་ཕྲེང་གི་སྔགས་སོ། །སྔགས་འདིས་ལན་བདུན་བགྲང་ཕྲེང་ལ་བཏབ་སྟེ། བཟླས་བརྗོད་
D506.087.0303a07.01