完整藏文原文 · 德格版页 当前仅加载第 87 函德格 305a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཐམས་ཅད་འགྲུབ་པ་དང་། མྱ་ངན་ལས་འདས་པ་ཡང་མངོན་དུ་འགྱུར་རོ། །གང་བསམས་པའི་དོན་དེ་དེ་བཞིན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པའི་རྗེས་སུ་འཇུག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཟབ་མོ་ལ་བཟོད་པ་འཐོབ་ཅིང་རྗེས་སུ་
D506.087.0305a01.01རྟོགས་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་འཐོབ་སྟེ། ཇི་སྲིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་མ་རྫོགས་ཀྱི་བར་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་ལེའུ་སྟེ། ཆོ་ག་གསུམ་
D506.087.0305a02.01པའོ།། །།དེ་ནས་ཕྱག་རྒྱའི་མཚན་ཉིད་བཤད་པར་བྱའོ། །སྙིང་པོ་ཆེན་པོ་བཞིའི་ཕྱག་རྒྱ་ལ་སྦྱར་བ་དང་། དེ་བཞིན་གཤེགས་པའི་རིགས་སྤྱི་ལ་སྦྱར་བ་དང་། ལག་ན་རྡོ་རྗེའི་སྙིང་པོ་བཞིའི་ཕྱག་རྒྱ་བཏུས་པ་རྣམས་དང་། དཀྱིལ་འཁོར་གྱི་གདན་གྱི་ཕྱག་རྒྱ་དང་། ཕྱག་རྒྱ་གཞན་ཡང་བརྩམ་
D506.087.0305a03.01པར་བྱའོ། །འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ལ་སྦྱར་བའི་ཆོ་ག་དང་། ཕྱི་རོལ་གྱི་ཕྱག་རྒྱ་གཟུང་བར་བྱའོ། །ཐམས་ཅད་དུ་ཕྱག་རྒྱ་གཞན་རྣམས་ཇི་ལྟར་བདེ་བར་བརྗོད་དོ། །ཇི་ལྟར་དེ་བཞིན་གཤེགས་པའི་རིགས་ལ་སྦྱར་བ་ནི། ཨོྃ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཎི་ཛྭ་ལ་ནི་ཨཱ་བེ་ཤཱ་ཡ་ཧཱུྃ།
D506.087.0305a04.01དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་གྲ་མ་ནི་ཧཱུྃ། དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐ་ག་ཏ་ཡ་བི་སཾ་རྦྷོ་དྷ་ན་བཛྲ་ཧཱུྃ་ཧཱུྃ། དེ་བཞིན་གཤེགས་པའི་དབུགས་དབྱུང་བའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་མ་ཎི་མ་ཎི་ཧཱུྃ་ཧཱུྃ་ཕཊ།
D506.087.0305a05.01དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་མ་ཎི་རུ་ཙི་རུ་ཙི་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་གཤེགས་པའི་རྡོ་རྗེ་སེང་གེའི་ཁྲིའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་བི་པུ་ལ་སཾ་བྷ་བེ་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་གཤེགས་པའི་དབང་བསྐུར་བའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་མ་
D506.087.0305a06.01ཎི་བཛྲ་ཧཱུྃ་ཧཱུྃ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཛ་ཡ་ཨ་པ་རཱ་ཛི་ཏ་བཛྲ་ཧཱུྃ་ཧཱུྃ། གཞན་གྱིས་མི་ཐུབ་པའི་ཕྱག་རྒྱཱོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་མ་ཧཱ་མ་ཎི་ཤི་ཁ་རེ་ཧ་ར་ཧ་ར་ཧཱུྃ་ཧཱུྃ། དེ་བཞིན་གཤེགས་པའི་འཁོར་ལོ་བསྐོར་བའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ཧ་ཡ་ཧ་ར་ཧ་ར་ཧཱུྃ་
D506.087.0305a07.01