完整藏文原文 · 德格版页 当前仅加载第 87 函德格 303b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་གསང་སྔགས་དེ་དག་ཐམས་ཅད་བཟླས་པར་འགྱུར་ཞིང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བཟླས་པར་ཡང་འགྱུར་རོ། །ཨོྃ་བཛྲ་མ་ཎི་ཀ་ར་ཀིཾ་ཀ་རི་ཧཱུྃ་ཧཱུྃ་ཕཊ། སྐྱིལ་མོ་ཀྲུང་གི་སྔགས་སོ། །ཨོྃ་སུ་པྲ་བརྟི་ཏ་བེ་གེ་མ་ཎི་མ་ཎི་སྭཱ་ཧཱ།
D506.087.0303b01.01བཟླས་བརྗོད་ཀྱི་སྔགས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཐཱ་ཡུ་ཛ་བེ་ཏ་ར་ཧཱུྃ་མ་ཎི་ཀ་ར་ཎེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བའི་སྔགས་སོ། །ཨོྃ་སུ་བི་པུ་ལ་ལ་པྲ་བ་རེ་དུ་རུ་དུ་རུ་ཧཱུྃ་ཧཱུྃ། སྤྱན་དྲང་བའི་སྔགས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཨདྷིཥྛཱ་ན་ཙི་ཏ་སཾ་རཀྵ་ཎ་བཛྲེ་ཧཱུྃ་ཧཱུྃ། གསོལ་བ་གདབ་པའི་
D506.087.0303b02.01སྔགས་སོ། །ཨོྃ་སུ་བི་པུ་ལ་བ་ད་ནི་ཧ་ར་ཧ་ར་ཧཱུྃ། བྱང་ཆུབ་སེམས་དཔའ་རྣམས་ལ་གསོལ་བ་གདབ་པའི་སྔགས་སོ། །ཨོྃ་སུ་བི་པུ་ལ་བ་ད་ནི་ཧ་ར་ཧ་ར་ཧུྃ། ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་བོད་པའི་སྔགས་སོ། །ཨོྃ་མ་ཎི་བེ་ག་བ་ཏི་ཧཱུྃ། རྒྱལ་པོ་ཆེན་པོ་བཞི་བོད་པའི་སྔགས་
D506.087.0303b03.01སོ། །ཨོྃ་ཤུ་བ་མ་ཎི་ཧུ་ལུ་ཧུ་ལུ་ཧཱུྃ། སློབ་མའི་སྔགས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་བཛྲི་ཎི་དྷ་ར་དྷ་ར་ཧཱུྃ་ཧཱུྃ། འཇུག་པའི་སྔགས་སོ། །ཨོྃ་བྷི་ར་བྷི་ར་ཛེ་ག་ག་ན་པཱ་ཧི་ནི་ལི་ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ་ཧཱུྃ། ཐམས་ཅད་དུ་མཁྱེན་པར་བྱས་པའི་སྔགས་སོ། །ཨོྃ་མ་ཎི་སུམྦྷ་ནི་བེ་ག་བ་ཏི། བདག་དང་ཆེ་གེ་མོ་ལ་
D506.087.0303b04.01སྲུངས་ཤིག་ཧཱུྃ། བསྲུང་བའི་སྔགས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཀུ་ལོ་ཏི་ཏེ་སྨ་ར་ཎ་བི་ག་ཏེ་ཛྭཱ་ལ་ཛྭཱ་ལ་ཧཱུྃ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ། །ཐམས་ཅད་ལ་སྦྱར་བར་བྱའོ། །སྙིང་པོ་འདི་རྣམས་ཀྱི་ཕན་ཡོན་ནི་འདི་དག་ཐམས་ཅད་ཡིན་ཏེ་དཔག་ཏུ་མེད་དོ། །ཐམས་ཅད་དུ་ཡང་ལན་བརྒྱ་
D506.087.0303b05.01རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེ་ནས་དགོས་པ་བརྩམ་པར་བྱའོ། །འདི་བཏོན་པས་ནི་ཐམས་ཅད་འགྲུབ། །འདིས་ནི་འགྲོ་བའི་སྡིག་ཀུན་སེལ། །སྡིག་པ་དེ་ཀུན་ཟད་བྱེད་ཅིང་། སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ལུང་སྟོན་འགྱུར་ཏེ་ཐེ་
D506.087.0303b06.01ཙོམ་མེད། །གང་གིས་སྔ་མར་སྡིག་པའི་ལས། །མང་པོ་བྱས་པ་འཇིག་པར་འགྱུར། །རིག་པ་བླ་མེད་སུ་འཛིན་པ། །དེ་དག་མྱུར་དུ་སངས་རྒྱས་འགྲུབ། །ཆོས་ཀྱི་འཁོར་ལོ་བླ་མེད་པའི། །བྱང་ཆུབ་རྟོགས་པར་སླ་བ་དང་། །ཇི་ལྟར་གང་གཱའི་བྱེ་སྙེད་ཀྱི། །བསོད་ནམས་དཔག་ཏུ་མེད་
D506.087.0303b07.01