藏传佛教 · 德格甘珠尔 · 经部

德格《甘珠尔》D262

sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D262

完整藏文原文 · 德格版页 当前仅加载第 67 函德格 2a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཛམ་བུའི་གླིང་གི་རྡུལ་ཕྲ་མོ་སྙེད་ཀྱི་བསྐལ་པ་ཆེན་པོར་འཁོར་བ་ལས་མཚན་ཙམ་འཛིན་པས་མ་ལུས་པར་ཐར་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྙིང་རྗེའི་འོད་ཟེར་ཆོས་རྒྱ་མཚོའི་འོད་ཟེར་སྙེད་

D262.067.0002a01.01
2

སྒྲོགས་པའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་རི་བོ་ཆོས་ཀྱི་དབྱིངས་ཕྱོགས་ཀུན་ཏུ་གསལ་བར་འབར་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱ་མཚོའི་འོད་སྒྲོགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །

D262.067.0002a02.01
3

དེ་བཞིན་གཤེགས་པ་ཡོན་ཏན་གྲགས་པ་མི་མཚུངས་པ་རྣམ་པར་ཐར་པའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་གྲོང་ཁྱེར་འོད་མར་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ནམ་མཁའ་གྱེན་དུ་བྱུང་བའི་དཔལ་

D262.067.0002a03.01
4

གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་འོད་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཐམས་ཅད་རྒྱ་མཚོའི་དབྱིངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་རི་བོའི་རྒྱལ་པོ་ལ་

D262.067.0002a04.01
5

ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་སྤྲིན་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་སྐར་མདའ་སྣང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་སྟོན་པའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །

D262.067.0002a05.01
6

དེ་བཞིན་གཤེགས་པ་ཆོས་འོད་ཟེར་རི་བོ་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་དབང་དཔལ་གྱི་སྙིང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་གཙུག་ཀུན་ཏུ་སྣང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་

D262.067.0002a06.01