藏传佛教 · 德格甘珠尔 · 经部

德格《甘珠尔》D262

sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D262

完整藏文原文 · 德格版页 当前仅加载第 67 函德格 54b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དུས་ལས་མི་ཡོལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དུས་བཞིན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེའི་འགྲོས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གློག་འབྱིན་ལ་ཕྱག་

D262.067.0054b01.01
2

འཚལ་ལོ། །དེ་བཞིན་གཤེགས་པ་གློག་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གློག་གི་བློ་གྲོས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱལ་བར་དཀའ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་

D262.067.0054b02.01
3

གཤེགས་པ་ཟླ་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པ་བརྟན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔག་ཏུ་མེད་པར་འཕར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་དང་

D262.067.0054b03.01
4

བྲལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་དང་བྲལ་བའི་དོན་སྟོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔའ་བོ་སྡེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་ཀྱིས་མཆོད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་

D262.067.0054b04.01
5

རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བསོད་ནམས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མར་མེ་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཉིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་འོད་ཟེར་ལ་ཕྱག་འཚལ་

D262.067.0054b05.01
6

ལོ། །དེ་བཞིན་གཤེགས་པ་བློ་གྲོས་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལེགས་པར་སྐྱེས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལྷའི་རྟེན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡིད་གཉིས་སྤངས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་

D262.067.0054b06.01
7

གཤེགས་པ་བདུད་རྩི་ལྡན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཆོག་སྲེད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐུབ་པ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཞན་མ་ཡིན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རང་དབང་ཅན་ལ་ཕྱག་

D262.067.0054b07.01