藏传佛教 · 德格甘珠尔 · 经部

德格《甘珠尔》D262

sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D262

完整藏文原文 · 德格版页 当前仅加载第 67 函德格 29b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དེ་བཞིན་གཤེགས་པ་སྙིང་པོའི་གཟི་བརྗིད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏེ་ཛེ་ཏེ་ཛེ། །ཛྙཱ་ན་ཏེ་ཛེ། །བུད་དྷ་ཏེ་ཛེ། །དྷརྨ་ཏེ་ཛེ། །སང་གྷ་ཏེ་ཛེ་སྭཱ་ཧཱ། དེ་བཞིན་གཤེགས་པ་དཀའ་ཐུབ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པྲ་ཏེ་པྲ་ཏེ། སརྦ་པྲ་ཏེ། པ་རི་པཱུ་ར་ཎི་བུད་དྷ་ས་མུ་དྲ་

D262.067.0029b01.01
2

དར་ཤ་ཎེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་བརྗོད་པའི་དཀྱིལ་འཁོར་མར་མེ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀྵི་ཎེ་ཀྵི་ཎེ། སརྦ་ཀརྨ་ཨཱ་བ་ར་ཎཱ་ནི། བུད་དྷ་སཏྱེ་ན། དྷརྨ་སཏྱེ་ན། སང་གྷ་སཏྱེ་ན་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་ཀྱི་དཀྱིལ་འཁོར་འོད་ལ་ཕྱག་འཚལ་ལོ། །

D262.067.0029b02.01
3

ཏདྱ་ཐཱ། ཙནྡྲ་པྲ་བྷེ། སཱུརྱ་པྲ་བྷེ། ཙན་དྲ་སཱུརྱ་ཤ་ཏ་སྭཱ་ཧཱ། སྲི་ཏི་རི་ཀ་པྲ་བྷེ། བི་ཤོ་དྷ་ཡ་ཛྙཱ་ན་ཙཀྵུ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བ་མང་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷརྨ་བྱཱུ་ཧེ། ག་ག་ན་བྱཱུ་ཧེ་ཛྙཱ་ན་བྱཱུ་ཧེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཞི་འོད་རྒྱལ་

D262.067.0029b03.01
4

པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དཱ་ར་དཱ་ར། ཛྙཱ་ན་ཀཱ་ཡ་པ་རི་ཤོ་དྷ་ནི། ཛྙཱ་ན་པ་རི་པཱུ་ར་ཎི་ཏ་ཐ་ཏཱ་ཨ་བ་བོ་དྷ་ནི་ཤཱི་གྷྲམ་སྭཱ་ཧཱ། དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བི་བུ་ལེ། གོ་ཙ་རེ། པཱུ་ར་ཡ། པཱུ་ར་ཡ། སརྦ་ཨཱ་ཤ་ཛྙཱ་ན་ཨ་

D262.067.0029b04.01
5

དྷི་ཥྛི་ཏེ། སརྦ་བུད་དྷ་ཨ་དྷི་ཥྛི་ཏེ། སརྦ་བོ་དྷི་སཏྭ་ཨ་དྷི་ཥྛི་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་ཤུགས་རྡུལ་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བེ་གེ་བེ་གེ །དྷརྨ་ས་མུ་དྲ་བེ་གེ །ག་ག་ན་ས་མུ་དྲ་བེ་གེ །པཱ་ར་མི་ཏཱ་བེ་གེ །སརྦ་ཨཱ་ཤཱ་པི་ར་པཱུ་ར་ཎེ་བེ་གེ །

D262.067.0029b05.01
6

བུད་དྷ་ཨ་དྷི་ཥྛི་ཏེ་སྭཱ་ཧཱ། སངས་རྒྱས་འདི་དག་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་སྨོན་ལམ་འདི་སྐད་ཅེས་གསུངས་ཏེ། ནམ་བདག་ཅག་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་ན་སེམས་ཅན་གང་གིས་ངེད་ཀྱི་མིང་ཐོས་སམ། འཛིན་ཏམ། བཀླགས་ན་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་གྱུར་

D262.067.0029b06.01
7

ཅིག །མི་ཁོམ་པ་བརྒྱད་ལས་ཡོངས་སུ་འདས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མངོན་སུམ་དུ་དགོངས་ཏེ་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་ཤོག་ཤིག །དེ་ནས་ཤི་འཕོས་ནས་ཡང་ལྷར་བཅས་པས་ཡོངས་སུ་འཛིན་པར་ཤོག་ཤིག །

D262.067.0029b07.01