完整藏文原文 · 德格版页 当前仅加载第 67 函德格 33b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སུ་མཆོད་པ་བྱས་ཏེ། འདུ་འཛི་མང་པོ་སྤངས་ལ་ཉིན་གསུམ་དབེན་མཚན་གསུམ་དབེན་པར་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་། གཟུངས་སྔགས་ཀྱི་ཚིག་འདི་དྲན་པར་བྱས་པ་དང་། དེ་བཞིན་གཤེགས་པ་དེ་དག་གི་བདེན་པའི་ཚིག་གིས་བྱིན་གྱིས་བརླབས་པས་ན། དེའི་ད་ལྟར་གྱི་
D262.067.0033b01.01ཚེ་འདི་ཉིད་ལ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་འོད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙན་དྲེ་སུ་ཙན་དྲེ་མ་ཧཱ་ཙན་དྲེ། ཙན་དྲ་ཀི་རི་ནི། མི་ལི་མི་ལི། བུདྡྷ་ཨ་དྷི་ཥྛི་ཏེ། སི་ལི་སི་ལི། དྷརྨ་ཨ་དྷི་ཥྛི་ཏེ། ཀི་ལི་ཀི་ལི་སཾ་གྷ་ཨ་དྷི་ཥྛི་ཏེ་
D262.067.0033b02.01སྭཱ་ཧཱ། རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་གང་སུ་ཡང་རུང་བ་དེ་བཞིན་གཤེགས་པ་དེའི་མཚན་བརྗོད་པ་འཆང་ཞིང་རྟག་ཏུ་རྒྱུན་མི་འཆད་པར་ནང་པར་ལངས་ཤིང་ཡིད་ལ་བྱེད་ན་དེ་བསྐལ་པ་སྟོང་ཕྲག་བཞི་བཅུར་ཚེ་རབས་དྲན་པར་འོང་ངོ་། །ནམ་དུ་ཡང་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་
D262.067.0033b03.01འགྱུར་རོ། །དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། སརྦ་ཀ་རྨ་ཨཱ་བ་ར་ཎ་བི་ཤུ་དྡྷེ་སྭཱ་ཧཱ། གང་གིས་དེ་བཞིན་གཤེགས་པ་དེའི་མཚན་འཆང་ཞིང་
D262.067.0033b04.01རྟག་ཏུ་རྒྱུན་མི་འཆད་པར་ཡིད་ལ་བྱས་ན་དེ་ད་ལྟར་གྱི་ཚེ་འདི་ཉིད་དུ་ལས་ཐམས་ཅད་དང་སྡིག་པ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་རོ། །མཐར་ཕྱིན་པར་འགྱུར་རོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ལོ་བྱེ་བ་ཕྲག་བཅུ་བཞིའི་བར་དུ་ཚེ་རབས་དྲན་པར་འགྱུར་ཏེ། མཐར་བྱང་ཆུབ་
D262.067.0033b05.01ཀྱི་དཀྱིལ་འཁོར་ལ་ཐུག་གི་བར་དུ་དེའི་དགེ་བའི་རྩ་བ་ཟད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་མིག་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙཀྵུ་ཙཀྵུ། ཛྙཱ་ན་ཙཀྵུ་སྭཱ་ཧཱ། གང་གིས་དེ་བཞིན་གཤེགས་པ་འདིའི་མཚན་འཛིན་ན་དེ་ལྷ་དང་འཇིག་རྟེན་དུ་
D262.067.0033b06.01བཅས་པའི་མིག་ལྟ་བུར་འགྱུར་ཏེ། བསྐལ་པ་བཞི་བཅུར་ཚེ་རབས་དྲན་པར་འགྱུར་ཏེ། དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་ཐུག་གི་བར་དུ་མི་ཟད་དོ། །དེ་བཞིན་གཤེགས་པ་བལ་གླང་དྲི་འོད་གསལ་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ག་ཛེ་ག་ཛེ། ག་ཛེ་ཨིནྡེ་
D262.067.0033b07.01