完整藏文原文 · 德格版页 当前仅加载第 67 函德格 28a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དེ་བཞིན་གཤེགས་པ་ཉི་མའི་གཟིས་བརྒྱན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྩོལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེམས་རྩེ་གཅིག་ཏུ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེན་པར་གསུང་བ་ལ་ཕྱག་འཚལ་ལོ། །
D262.067.0028a01.01དེ་བཞིན་གཤེགས་པ་བདེ་བར་གནས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདུད་སྡེ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མ་རིག་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རབ་ཏུ་བརྗིད་པ་ལ་ཕྱག་འཚལ་ལོ། །
D262.067.0028a02.01དེ་བཞིན་གཤེགས་པ་ཕྱོགས་བཅུར་གྲགས་པའི་གོ་ཆ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཏ་མ་ལའི་ལོ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐའ་ཡས་རྣམ་པར་སྤྲུལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་མ་མེད་པ་ལ་ཕྱག་འཚལ་ལོ། །
D262.067.0028a03.01དེ་བཞིན་གཤེགས་པ་བལ་གླང་འགྱིང་བའི་འགྲོས་བཞིན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱལ་མཚན་འགྱེས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བློ་གྲོས་ཐོགས་པ་མེད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསུང་རབ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་
D262.067.0028a04.01གཤེགས་པ་མུན་བསལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཁོར་སྐྱོང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྱེས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བ་ལ་ཕྱག་འཚལ་ལོ། །
D262.067.0028a05.01དེ་བཞིན་གཤེགས་པ་ཆུ་བོ་འཛམ་བུ་གསེར་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྩ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཨུད་པལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆུ་སྟོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྩལ་ལ་ཕྱག་འཚལ་ལོ། །
D262.067.0028a06.01དེ་བཞིན་གཤེགས་པ་ཡེ་ཤེས་གཙོ་བོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདག་ཉིད་བསྒོམས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འདྲ་བ་མེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རབ་ཏུ་བརྗིད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་
D262.067.0028a07.01