藏传佛教 · 德格甘珠尔 · 经部

德格《甘珠尔》D262

sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D262

完整藏文原文 · 德格版页 当前仅加载第 67 函德格 82b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འཚལ་ལོ། །དེ་བཞིན་གཤེགས་པ་གསལ་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འགྲོ་བའི་མཆོད་རྟེན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་བོ་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་

D262.067.0082b01.01
2

གཤེགས་པ་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེ་མཆོད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་འཕར་བ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་གསལ་

D262.067.0082b02.01
3

བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབྱངས་ཀྱི་སྣོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་དགྱེས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་གནས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་

D262.067.0082b03.01
4

གཤེགས་པ་ཆེར་འཕར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བརྩོན་པ་བརྟན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལྷས་མཆོད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པར་མཛད་པ་ལ་ཕྱག་

D262.067.0082b04.01
5

འཚལ་ལོ། །དེ་བཞིན་གཤེགས་པ་སྐྱིད་པ་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་རྫོགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བློ་བརྟན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདུད་རྩིའི་འོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསུང་

D262.067.0082b05.01
6

ཆེ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསུང་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྟོབས་ཆེ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆེར་འཕར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདུད་རྩི་གསལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བྱང་ཆུབ་

D262.067.0082b06.01
7

ཏུ་འཕར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསུང་དྲག་པོར་དགོངས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བློ་གྲོས་དྲག་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་རྣམ་པར་འཕར་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཀའ་ཐུབ་ཆེ་བ་ལ་ཕྱག་འཚལ་ལོ། །

D262.067.0082b07.01