完整藏文原文 · 德格版页 当前仅加载第 67 函德格 15a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འཚལ་ལོ། །དེ་བཞིན་གཤེགས་པ་འོད་ཟེར་སྤྱན་གསལ་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་ཚུགས་བློ་གྲོས་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་བཙུན་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཆོད་པའི་ཟླ་བ་ལ་
D262.067.0015a01.01ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ངེས་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་དང་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་དུལ་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཆོད་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་
D262.067.0015a02.01གཤེགས་པ་ཤིན་ཏུ་གནས་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་ཐར་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱལ་པོའི་ཟླ་བ་ལ་ཕྱག་
D262.067.0015a03.01འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཉིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཙུག་ཏོར་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བའི་སྒོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པར་འགྲོ་བའི་
D262.067.0015a04.01ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནམ་མཁའི་སྟེང་དྲི་མ་མེད་པའི་ཡེ་ཤེས་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་རྟག་ཏུ་རྣམ་པར་སྣང་བའི་མཆོག་རབ་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐུ་སྟོབས་ཐམས་ཅད་ལ་དྲི་མ་མེད་པའི་ཡེ་ཤེས་ཟླ་བ་
D262.067.0015a05.01ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་མཐུ་ལ་མི་རྫི་བའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱན་རྣམ་པར་དགྱེས་པ་ནམ་མཁའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་རབ་ཏུ་རྒྱས་པ་ཟིལ་གྱིས་མི་གནོན་པའི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་
D262.067.0015a06.01བཞིན་གཤེགས་པ་སྐུ་ཐམས་ཅད་ཡེ་ཤེས་གཟུགས་བརྙན་གྱི་ཟླ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨོན་ལམ་ཡོངས་སུ་རྫོགས་པར་སྤྲུལ་པའི་ཟླ་བ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསོད་ནམས་མཛོད་ཀུན་ཏུ་སྣང་བའི་འོད་གསལ་བ་ལ་ཕྱག་
D262.067.0015a07.01