藏传佛教 · 德格甘珠尔 · 经部

德格《甘珠尔》D262

sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D262

完整藏文原文 · 德格版页 当前仅加载第 67 函德格 24a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཡན་ལག་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་རང་བཞིན་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་པད་མོ་ཉིད་ཀྱི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གྲགས་པའི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་

D262.067.0024a01.01
2

པ་བླ་མ་ཉིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་འོད་དཔལ་གྱི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཀུན་ཏུ་སྣང་བར་འཕར་བའི་སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་འཇིགས་པའི་རྡོ་རྗེ་མཐུ་ཆེན་སེང་གེ་ལ་ཕྱག་འཚལ་

D262.067.0024a02.01
3

ལོ། །དེ་བཞིན་གཤེགས་པ་ཆོས་ནམ་མཁའ་འོད་གསལ་འོད་ཀྱི་སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཏིང་ངེ་འཛིན་རྒྱ་མཚོ་ཐམས་ཅད་སྣང་བའི་སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་མར་མེ་འབར་བའི་ཡེ་ཤེས་སེང་གེ་ལ་

D262.067.0024a03.01
4

ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོའི་སེང་གེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེ་རྣམ་པར་སྒྲོགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེའི་སྟབས་ལ་ཕྱག་འཚལ་ལོ། །

D262.067.0024a04.01
5

དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱ་མཚོ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་ཐམས་ཅད་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ནམ་མཁའ་དཔལ་རྣམ་

D262.067.0024a05.01
6

པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཙང་བསྙེམས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་མང་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱན་མི་འཛུམས་པ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །

D262.067.0024a06.01
7

དེ་བཞིན་གཤེགས་པ་དཔལ་འབར་པད་རྨོས་རོལ་པ་ཤིན་ཏུ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་གསལ་ནམ་མཁའ་དབྱངས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷའི་རྒྱུད་ལས་རྣམ་པར་

D262.067.0024a07.01