藏传佛教 · 德格甘珠尔 · 经部

德格《甘珠尔》D262

sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D262

完整藏文原文 · 德格版页 当前仅加载第 67 函德格 34a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཕུང་པོས་འདི་སྐད་ཅེས་གསོལ་ཏོ། །རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་དྲི་འོད་གསལ་རྒྱལ་པོ་དེའི་མཚན་བརྗོད་པ་འཛིན་ན་དེའི་ལུས་ལས་ལོ་བརྒྱ་ཕྲག་བཅུ་གསུམ་གྱི་

D262.067.0034a01.01
2

བར་དུ་དྲི་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ནམ་དུ་ཡང་བརྗེད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པུཥྤེ་པུཥྤེ། སུ་པུཥྤེ་སྭཱ་ཧཱ། དེའི་ཆོ་ག་ནི་མེ་ཏོག་ཇི་ལྟ་བུར་བཤམས་པ་དེ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བསྔགས་ཏེ། དེ་བཞིན་

D262.067.0034a02.01
3

གཤེགས་པའི་མཆོད་རྟེན་ལ་གཏོར་ན། དེའི་བསམས་པ་ཐམས་ཅད་རྫོགས་པར་འགྱུར། ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བར་འོང་། དེ་བཞིན་གཤེགས་པས་འཛིན་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷ་རེ་དྷ་རེ། དྷ་ར་ཎི་བནྡྷེ་སྭཱ་ཧཱ། གང་གིས་དེ་བཞིན་གཤེགས་པ་དེའི་

D262.067.0034a03.01
4

མཚན་དང་། གཟུངས་སྔགས་ཀྱི་ཚིག་འདི་འཛིན་ན། དེས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །མཚམས་བབ་པར་འོང་། སྔགས་ཀྱི་ཚིག་འདི་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་བྱིན་ན་ཅི་སྙེད་པ་མི་བྱམས། དེ་བཞིན་དུ་སྨོན་ལམ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་

D262.067.0034a04.01
5

པ་གཅིག་ཏུ་མང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་འཕར་བའི་ཁྱུ་མཆོག་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་འཕར་བས་ཤིན་ཏུ་རྣམ་པར་འཕར་བའི་ཁྱུ་མཆོག་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་རབ་ཕུང་པོ་ལ་ཕྱག་

D262.067.0034a05.01
6

འཚལ་ལོ། །དེ་བཞིན་གཤེགས་པ་བདེན་པའི་དོན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྩེ་མོ་མང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚོགས་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནམ་མ་མཁར་འཐུན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་

D262.067.0034a06.01
7

གྲགས་པའི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་རབ་ཏུ་འགྱེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལས་འབྱུང་ཡོན་ཏན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་

D262.067.0034a07.01