藏传佛教 · 德格甘珠尔 · 经部

德格《甘珠尔》D262

sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D262

完整藏文原文 · 德格版页 当前仅加载第 67 函德格 29a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དུ་འམ་ཆུང་ངུ་ན་རྨི་ལམ་དུ་ཡང་རུང་སྟེ། བསམ་གྱིས་མི་ཁྱབ་པའི་ཤེས་རབ་དང་། ཐབས་ལ་མཁས་པར་མངོན་དུ་སྟོན་ཏེ། ཅི་ནས་མྱུར་དུ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་མོ་སོ་སོར་ཐོབ་པར་མཛད་དོ། །ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་དང་། སངས་རྒྱས་

D262.067.0029a01.01
2

ཀྱི་བསྟན་པ་དང་བྲལ་བར་མི་འགྱུར། རིན་པོ་ཆེའི་པད་མོ་ལས་རྫུས་ཏེ་སྐྱེ་བར་འོང་། ནམ་ཡང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པར་འགྱུར། མངོན་པར་ཤེས་པ་རྣམས་དང་། སྤྱན་ལྔ་དང་། སེམས་ཅན་སྨིན་པར་བྱ་བ་

D262.067.0029a02.01
3

དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། བསམ་གཏན་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་ལྡན་པར་འགྱུར་རོ། །སྟོབས་དང་མི་

D262.067.0029a03.01
4

འཇིགས་པ་དང་། སོ་སོ་ཀུན་ཏུ་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་ལྡན་པར་འགྱུར། སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་གཞན་དག་དང་

D262.067.0029a04.01
5

ཡང་ལྡན་པར་འགྱུར་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་དག་གི་ཡོན་ཏན་དང་། གྲགས་པ་ཕུན་སུམ་ཚོགས་པ་དེ་བཞིན་དུ་དེ་དག་ལ་ཡང་ཡོན་ཏན་དུ་མི་འགྱུར་བ་མ་ཡིན་ཏེ། དེ་དག་ལ་ཡང་ཕུན་སུམ་ཚོགས་པ་རིང་པོར་མི་ཐོགས་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་

D262.067.0029a05.01
6

པར་རྫོགས་པའི་བྱང་ཆུབ་བདེ་བར་མྱུར་དུ་མངོན་སུམ་བར་བྱང་ཆུབ་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོབས་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ལ་ཕྱག་འཚལ་

D262.067.0029a06.01
7

ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷ་རེ་དྷ་རེ་དྷརྨ་དྷཱ་ཏུ་པྲ་ཏིཥྛི་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཕྱོགས་ཐམས་ཅད་ཏུ་མར་མེའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པྲ་དཱི་པེ་པྲ་དཱི་པེ་ཛྙཱ་ན་པྲ་དཱི་པེ་སྭཱ་ཧཱ། །

D262.067.0029a07.01